Day: March 16, 2023

A news and an Appeal

Kyabje Jonang Gyaltsab Rinpoche arrived in Dharamshala on 14th March from Taiwan, for the purpose of attending a Long Life Prayer offered to the His Holiness the Dalai Lama by the Central Tibetan Administration on behalf of all Tibetans inside and outside Tibet at the Main Tibetan Temple in Dharamsala, HP, India on March 15, 2023. Under a clear blue sky, the rising sun was catching the peaks of the mountains as His Holiness the Dalai Lama arrived at the gate to his residence this morning. He was received by President of the Central Tibetan Administration (CTA) – Sikyong Penpa Tsering, Speaker of the Parliament – Khenpo Sonam Tenphel and Chief Justice Commissioner (Acting) – Karma Dadul. “Amidst the ongoing crisis inside Tibet, I have a sizeable responsibility to uphold and safeguard the Tibetan culture and religion. It gives me a certain degree of satisfaction to realise that I have been able to adequately serve the Tibetan cause and people. Moreover, I aspire to live for another 10 years to continue my service,” His Holiness the Dalai Lama remarked while thanking the CTA leadership and Tibetan people for the long life offering made to him this morning at Tsuglagkhang. Dharamshala: The 17th Tibetan Parliament in Exile commenced its 5th Session on 15th afternoon in Dharamshala. The 10-day session is presided over by Speaker Khenpo Sonam Tenphel and Deputy Speaker Dolma Tsering are attended by Sikyong Penpa Tsering, Kalons, members of the 17th parliament, and the Secretaries of the respective departments. The International Jonang Wellbeing Association sent following appeal in Tibean to Kyong Penpa Tsering, Speaker of the Parliament – Khenpo Sonam Tenphel and Chief Justice Commissioner (Acting) – Karma Dadul, Ministers of the departments and every number of Parliament in Exile.  Exile Jonangpas just demand for having a equal participant in every prat of exile democracy.  ༄༅།།  དཔལ་ལྡན་སྐུ་ངོ་ཚོའི་མདུན་སར་ཞུ་གསོལ། ཚོགས་བརྡའི་གསལ་བསྒྲགས་ཐོན་པ་ལྟར། སྐབས་ ༡༧ པའི་བཙན་བྱོལ་བོད་མིའི་གྲོས་ཚོགས་འཚོགས་དུས་ལྔ་བ་ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ནས་བཟུང་ཉིན་གྲངས་བཅུའི་རིང་འཚོགས་གཏན་འཁེལ་བ་ལྟར། གྲོས་ཚོགས་འཚོགས་དུས་འདིའི་ཐོག་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་ཚོར་ཁྲིམས་ཐོག་ནས་ཐོབ་ཐང་འདྲ་མཉམ་གནང་སྐྱོང་བའི་རེ་བསྐུལ་སླར་ཡང་ཞུ་བ་ཡིན། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་ཚོས་ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་དེ་རིང་བར་མི་ལོ་ཧྲིལ་བོ་ཉེར་དྲུག་རིང་བཙན་བྱོལ་བོད་མིའི་གྲོས་ཚོགས་སུ་དེ་ལུགས་ཀྱིས་སྙན་ཞུ་བརྒྱ་ཕྲག་མང་པོ་ཕུལ་བ་མ་ཟད། ཐ་ན་ཕྱི་ལོ་ ༢༠༡༥ ལོར་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་གྲོས་ཁང་སྒོར་མཉམ་འཛོམས་ཀྱིས་ཟས་བཅད་ཞི་འབོད་ཀྱང་བྱས་མོད། གྲོས་ཚོགས་ནས་དོན་མཐུན་གྱི་ཡ་ལན་མེད་ཐོག་སྐབས་ཤིག་ཇོ་ནང་པའི་སྙན་ཞུ་ཁག་ཀྱང་རྩིས་མེད་བྱས་པའི་གནས་ཚུལ་ཡང་རིམ་པར་བྱུང་ཡོད་པས། གཞི་བྱེས་ཇོ་ནང་པ་རྣམས་ལ་བློ་ཕམ་ཚད་མེད་བྱུང་ཡོད། དེ་བས་ན་ད་ལན་གྱི་འཚོགས་དུས་འདིའི་ཐོག་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱང་བཙན་བྱོལ་བོད་མི་སྤྱི་མཚུངས་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཇོ་ནང་བར་ཐོབ་ཐང་འདྲ་མཉམ་གནང་སྐྱོང་ཡོང་བའི་གསོལ་འདེབས་ནན་ཏན་དུ་འདེབས་པ་ལགས་ན། དེ་ལུགས་ཐུགས་བརྩེས་གཟིགས་པ་མཁྱེན་མཁྱེན་ཞུ། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཁང་ནས། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ཉིན།